མཉམ་རུབ་ནི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་དར་སྤེལ་གཏོང་རྒྱུར་དམིགས་པའི་མཉམ་ལས་ཀྱི་སྡིངས་ཆ་ཞིག་ཡིན། བཀོལ་སྤྱོད་པ་རྣམས་ཀྱིས་ཡིག་འབེབས་དང་། ཀློག་འདོན། ཉན་པ། རྩོམ་འབྲི་བཅས་ཀྱི་བྱེད་སྒོ་བརྒྱུད། ཚང་མས་མཉམ་སྤྱོད་ཐུབ་པའི་སྐད་ཡིག་དང་རིག་གཞུང་གི་བང་མཛོད་ཅིག་བསྐྲུན་ཏེ་གྲངས་འཛིན་གྱི་དུས་རབས་འདིར་བོད་ཀྱི་སྐད་ཡིག་རིག་གཞུང་བཅས་པ་གོང་འཕེལ་ཡོང་རྒྱུར་རབ་འདེགས་བྱེད་ཀྱི་ཡོད།
མཉམ་རུབ་ཀྱིས་མི་སྒེར་དང་ཚོགས་སྡེ་སུ་རུང་ལ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཐད་ནུས་པ་འདོན་རྒྱུའི་ལམ་བུ་ཞིག་བཏོད་ཡོད། འདི་ནི་སྡིངས་ཆ་ཙམ་ཞིག་ག་ལ་ཡིན་ཏེ། འདི་འབྱུང་འགྱུར་བོད་ཀྱི་མི་རབས་གསར་པ་རྣམས་ཀྱི་ཆེད་དུ། རང་གི་སྐད་ཡིག་དང་གཏམ་རྒྱུད། སྲོལ་རྒྱུན་བཅས་གསོན་པོར་གནས་པར་བྱེད་པའི་མཉམ་འབྲེལ་གྱི་ལས་འགུལ་ཞིག་ཡིན། ང་ཚོས་མཉམ་རུབ་ཀྱིས་བོད་ཀྱི་རིག་གཞུང་འཛུགས་སྐྲུན་དང་མཉམ་སྤྱོད། ད་དུང་དར་སྤེལ་གཏོང་རྒྱུར་འབད་པར་བྱ།