འདི་ནི་ཀློག་འདོན་ཉན་གསུམ་དང་། ཡིག་འབེབས། འབྲི་རྩོམ་བཅས་ཀྱི་བྱེད་སྒོ་བརྒྱུད་བོད་ཀྱི་སྐད་ཡིག་ཉར་ཚགས་གོང་འཕེལ་ལ་དམིགས་པའི་མཉམ་རུབ་ཀྱི་སྡིངས་ཆ་ཞིག་ཡིན།
The Collaborative Platform to Preserve and Promote the Tibetan Language Contribute by Image Translating, Reading, Listening, and Writing.
ཚིག་རེ་རེས་སྐད་ཡིག་བར་གྱི་སྟོང་ཆ་སྐོང་།
དབྱིན་ཡིག་ནས་བོད་ཡིག་ཏུ་ཡིག་བསྒྱུར་བྱས་ཏེ་སྐད་ཡིག་གཉིས་ཀྱི་ཡིག་ཆའི་ཐོན་སྐྱེད་ཕོན་ཆེ་རུ་གཏོང་རོགས། ཁྱེད་ཀྱི་ཞབས་ཞུ་འདིས་སློབ་གཉེར་བ་དང་། ཞིབ་འཇུག་པ། བོད་ཡིག་གཙོ་བོར་སྤྱོད་པའི་སྡེ་ཁག་བཅས་ལ་དོན་སྙིང་ལྡན་ལ་སྤུས་ཚད་ཅན་གྱི་འགྱུར་ཡིག་མཁོ་སྤྲོད་བྱེད་ཐུབ།
ཁྱེད་ཀྱི་སྐད་སྒྲ་བརྒྱུད་ནས་སློབ་གཉེར་ཕྱོགས་ལ་ལེགས་སྐྱེས་འབུལ།
བོད་ཡིག་ཏུ་ཡོད་པའི་ཡིག་ཆ་རྣམས་སྒྲ་དག་གསལ་གསུམ་ངང་ཀློག་འདོན་གྱིས་སྒྲ་འཇུག་བྱས་ཏེ། བོད་སྐད་ཀྱི་སྒྲ་གདངས་མ་ལག་བཟོ་སྐྲུན་དང་སྒྲ་ལྡན་གྱི་སློབ་གཉེར་རྒྱུ་ཆ་ཇེ་ཕྱུག་ཏུ་གཏོང་ཐུབ། སྒྲ་འཇུག་དེ་དག་ནི་སློབ་གཉེར་བ་དང་སྐད་ཡིག་གི་མ་ལག་ལ་དགོས་མཁོ་ཆེ་ལ། བོད་སྐད་ཀྱི་རྒྱུ་ཆ་ཕུན་སུམ་ཚོགས་པ་དང་སྤུས་ཚད་ཅན་དུ་གཏོང་བར་རམ་འདེགས་བྱེད་ཐུབ།
སྒྲ་ཡིག་འབེབས་བྱས་ཏེ་ཕུན་སུམ་ཚོགས་པའི་སྐད་ཡིག་སྣ་མང་ཉར་ཚགས་བྱེད།
བོད་ཀྱི་ཡུལ་སྐད་འདྲ་མིན་གྱི་སྒྲ་འཇུག་ལ་ཉན་ནས་ཡིག་འབེབས་བྱེད་རོགས། ཁྱེད་རང་ལས་གཞི་འདིའི་ནང་མཉམ་ཞུགས་གནང་བ་དེས། གནད་ཆེ་བའི་ཡུལ་སྐད་ཞིབ་འཇུག་གི་གཞི་གྲངས་བསྐྲུན་ཐུབ་པར་མ་ཟད། སྒྲ་འཛིན་རིག་ནུས་ཡར་རྒྱས་གཏོང་ཐུབ།
བརྗོད་པ་རེ་རེ་ཡིས་ཕ་མེས་ཀྱི་གཅེས་ནོར་རྒྱུན་འཛིན་བྱེད།
འཆར་ངོས་སུ་ཤར་བའི་བོད་ཀྱི་གསུང་རབ་རྣམས་ཡིག་འབེབས་བྱེད་རོགས། འདིས་རྩ་ཆེ་བའི་བཀའ་བསྟན་རྣམས་གློག་ཀླད་དུ་ཉར་ཚགས་ཀྱིས་འབྱུང་འགྱུར་མི་རབས་རྣམས་ལ་བོད་ཀྱི་ཕུན་སུམ་ཚོགས་པའི་སྐད་ཡིག་དང་རིག་གཞུང་བརྒྱུད་སྤྲོད་བྱེད་ཐུབ།
English
བོད་ཡིག